༈ དམ་ཚིག་རྡོ་རྗེའི་མདུད་པ་ནམ་ཡང་ལྷོད་མེད་༸སྐྱབས་རྗེ་རིན་པོ་ཆེའི་སློབ་འབངས་སུ་གཏོགས་ཤིང་ཐེག་མཆོག་རྣམ་གྲོལ་གླིང་དགོན་དང་འབྲེལ་བའི་ཆོས་སྡེ་ཁག་དང་། ཆོས་ཚོགས། ཚོགས་པ་སྐྱིད་སྡུག་ཁག།དེ་བཞིན་མཁན་སྤྲུལ་བླ་སློབ་སེར་སྐྱ་ཡོངས་ཀྱི་སྙན་དབང་དུ།
ཆེད་ཞུ།
མཁྱེན་གསལ་ལྟར་༸སྐྱབས་རྗེ་འཁོར་ལོའི་མགོན་པོ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་ཡང་སྲིད་གང་ཉིད་འདི་ལོའི་བོད་ཟླ་ ༦ ཚེས་ ༤ ཉིན་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོའི་དུས་ཚོད་འདི་ལྟ་བུ་ནི་རང་ཅག་སློབ་འབངས་སྤྱི་དང་ཁྱད་པར་རྣམ་གྲོལ་གླིང་གི་འདུས་མང་ཡོངས་ལ་ཡང་ཡང་ཤར་དུས་མེད་པའི་ལོ་རྒྱུས་ཀྱི་དུས་ཚིགས་ཁྱད་པར་ཅན་ཏེ། ༧སྐྱབས་རྗེ་དམ་པ་གང་གིས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོ་སྤྱི་དང་བདག་ཅག་སློབ་བུ་ཡོངས་ཀྱི་སྤྱི་སྒེར་འཕྲལ་ཕུགས་ཕྱོགས་ཡོངས་སུ་རྫོགས་པར་སྨན་པའི་རླབས་ཆེན་གྱི་མཛད་པ་ཐུགས་བརྩེས་བསྐྱངས་པའི་བཀའ་དྲིན་གྱི་ཕུང་པོ་ནི་སྟོང་གསུམ་གསེར་གྱིས་བཀང་སྟེ་ཕུལ་ཡང་གཞལ་བར་དཀའ་མོད། འོན་ཀྱང་སློབ་འབངས་རྣམས་ཀྱི་རླབས་ཆེན་ཚོགས་གཉིས་རྫོགས་ཤིང་། ཡང་སྤྲུལ་རིན་པོ་ཆེ་གང་ཉིད་ནས་རྗེ་གོང་མའི་རྣམ་ཐར་ཚུལ་བཞིན་བསྐྱང་སྟེ་བསྟན་འགྲོར་སྨན་པའིི་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། ལྷག་པར་དུ་ད་ལན་ཁྲི་སྟོན་གྱི་མཛད་སྒོ་འདི་ནིི་ཡང་སྲིད་རིན་པོ་ཆེའི་བསྟན་འགྲོའི་མཛད་ཕྲིན་ཐོག་མ་དེ་ཆགས་ཀྱི་ཡོད་སྟབས། བཀྲ་ཤིས་ཀུན་ཏུ་བཀྲ་ཤིས་པའི་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེ་བའི་བརྟན་བཞུགས་རྒྱས་པ་ཤིག་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འབུལ་རྒྱུ་ནི་རང་རེ་རྒྱལ་ཕྱི་ནང་གང་སར་གནས་པའི་སློབ་བུ་རྣམས་ཀྱི་རང་འཁྲིའི་འོས་འགན་བླ་མེད་ཡིན་པ་ལྟར། ད་ལན་རྣམ་གྲོལ་གླིང་འདུས་མང་གིས་སྣེ་ཁྲིད་པའི་བརྟན་བཞུགས་ཟབ་རྒྱས་ཤིག་དཔལ་ཡུལ་མ་དགོན་དུ་འབུལ་རྒྱུ་ལགས་ན། དད་ལྡན་སློབ་བུ་རྣམས་ནས་རྒྱ་མཚོ་ཆུ་ཐིགས་ཀྱི་འབྲེལ་འཇོག་གནང་འདོད་མཆིས་ཚེ། འདི་གའི་བརྟན་བཞུགས་ཚོགས་ཆུང་དུ་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣༠ ལས་མི་འགྱངས་པར་འབྲེལ་བ་གནང་རྒྱུ་ཐུགས་ལ་མངའ་བར་ཞུ།
འབྲེལ་བ་བྱ་ཡུལ་གྱི་ཁ་བྱང་དང་ཁ་པར་ཨང་གྲངས་གཤམ་གསལ།
བརྟན་བཞུགས་ཚོགས་ཆུང་།
ཚོགས་གཞོན། +91-9980881666 རྣམ་གླིང་འདུས་སྤྱིའི་ལས་ཁུངས་ནས་སྤྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༡ ཉིན།
དངུལ་གཉེར། རྒྱ་གར། +91-9880403395 /
བལ་ཡུལ། +977-9813082277
དྲུང་ཡིག་རྩིས་པ་གཅིག་ཆོག +91-9731408698
གློག་འཕྲིན་ཁ་བྱང་། namdrolingoffice@gmail.com